Topic outline
Letter from Tek Chok Ling
Letter Regarding Cremation Ceremony
Photos of Rinpoche's Kudung in His Quarters
1st Week of Gongdzok
༈ བཀའ་བརྒྱུད་བསྟན་པའི་གཙུག་ནོར་ ༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་ནས་ཐུགས་བརྩེ་གཟིགས་པ་ཆེན་པོའི་སྒོ་ནས་སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་དགོངས་རྫོགས་ཆེད། སྐུ་ཚིགས་དང་པོར་ཕུ་ལ་ཧ་རིའི་བླ་གྲྭ་རྣམས་གདན་དྲངས་ནས་རྡོར་སེམས་གསུངས་བཞིན་པ་དང་།As per the instructions from His holiness the Gyalwang karmapa, Lamas, Khenpos and monks from Pullahari monastery lead the Vajrasattva ritual to mark the 1st week of the Parinirvana of Vajradhara Khenchen Rinpoche. We are sharing some pictures of the event so that all those connected to Rinpoche can make aspiration with us. Nuns from both the nunneries are performing Guru yoga, Mahamudra Sadhana and songs composed by Rinpoche.1st July 2024
On 1/7/24, Zurmang Garwang Rinpoche and his attendant visited Ösel Karma Thekchok Ling Nunnery to pay respect to Khenchen Rinpoche's Kudung. Rinpoche offered prayers in front of the Kudung. Later, Dzogchen Ponlop Rinpoche and Garwang Rinpoche met together.
8th July 2024
Today on 8th July Chabje Tshonyi Rinpoche visited Ösel Karma Thekchok Ling Nunnery to pay respect to Khenchen Tsultrim Gyamtso Rinpoche’s Kudung. Rinpoche offered prayers in front of the Kudung.
2nd Week of Gongdzok
༧སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧དཔལ་རྒྱལ་དབང་སངས་རྒྱས་ཀརྨ་པ་མཆོག་གིས་བཀའ་དགོངས་ལྟར། ཞི་བར་གཤེགས་པ་སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་རིན་པོ་ཆེ་མཆོག དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་དགོངས་རྫོགས་མཆོད་འབུལ་སྐུ་ཚིགས་གཉིས་པར། དཔལ་དིལ་ཡག་དགོན་དང་གནས་ནང་དགོན་གྱི་བླ་གྲྭ་རྣམས་གདན་དྲངས་ནས་མི་འཁྲུགས་པའི་ཆོ་ག་གསུངས་ཡོད་པ་དང་། དེ་བཞིན་བཀའ་བརྒྱུད་ཐེག་ཆེན་གླིང་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་དང་སློབ་དཔོན་རྣམས་ཀྱང་ཚོགས་ལ་མཉམ་ཞུགས་གནང་ཡོད་པའི་བརྙན་པར་ལགས་སོ། །11th July 2024
Choje Lama Phuntsho and Gyalpo Rinpoche also visited khenchen Tsultrim Gyamtso’s kudung and made prayer.
3rd Week of Gongdzok
བདག་ཅག་རྣམས་ཀྱི་དཔལ་ལྡན་རྩ་བའི་བླ་མ་༧སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་དགོངས་རྫོགས་མཆོད་འབུལ་སྐུ་ཚིགས་གསུམ་པར་གཏེར་སྒར་འོད་གསལ་གླིང་དང་གནས་མདོ་བཀྲ་ཤིས་ཆོས་གླིང་དགོན་གྱི་སྤྲུལ་སྐུ་བླ་གྲྭ་རྣམས་ཀྱིས་རྒྱལ་བ་རྒྱ་མཚོའི་ཆོ་ག་གསུངས་བཞིན་པའི་སྣང་བརྙན་འགའ།4th Week of Gongdzok
༧སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧དཔལ་རྒྱལ་དབང་སངས་རྒྱས་ཀརྨ་པ་མཆོག་གིས་བཀའ་དགོངས་ལྟར། ཞི་བར་གཤེགས་པ་སྐྱབས་རྗེ་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་དགོངས་རྫོགས་མཆོད་འབུལ་སྐུ་ཚིགས་བཞི་པར། དཔལ་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན་པའི་མཁན་སློབ་སྒྲུབ་བླ་དང་དཔལ་ངེས་དགོན་གྱི་བླ་གྲྭ་རྣམས་གདན་དྲངས་ནས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་གསུངས་བཞིན་པའི་བརྙན་པར་འགའ་སྤྱན་འབུལ་ཞུ། །20th July 2024
During our precious guru Khenchen Tsultrim Gyamtso Rinpoche’s parinirvana, nuns from TCL & Karma Drubdey are doing Kagyu Gurtsho (A Collection of Songs of the Masters of the Kagyu Lineages), Sadhana of Mahamudra, Hundred Thousand Songs of Milarepa and spontaneous songs of our Guru etc.
21st July 2024
བཀའ་བརྒྱུད་མགུར་མཚོ།A Collection of Songs of the Masters of the Kagyu Lineages.5th Week of Gongdzok
འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་དཔལ་ལྡན་རྩ་བའི་བླ་མ་༧སྐྱབས་རྗེ་རྡོ་རྗེ་འཆང་ མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་ཞིང་གཞན་དུ་གཤེགས་ནས་དགོངས་རྫོགས་མཆོད་འབུལ་སྐུ་ཚིགས་ལྔ་པར། ཀརྨ་བསམ་གཏན་གླིང་དགོན་དང་ཀརྨ་ལེགས་བཤད་གླིང་དགོན་ནས་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་ཡོངས་དགེ་མི་འགྱུར་རྡོ་རྗེའི་གཏེར་དུ་བཏོན་པའི་ཟབ་གཏེར་པདྨ་བཛྲ་ཆོ་ག་གསུངས་བཞིན་པའི་སྣང་བརྙན་འགའ་སྤྱན་འབུལ་ཞུ།29th July 2024
Nuns performing Sadhana Of Mahamudra, (Composed by the precious guru Dechen Rangdrol) and songs of realization in the main shrine and before Kudung.Offering more than two thousand butter lamps everyday.ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ལ། །རྣམ་དག་གསལ་བའི་སྒྲོན་མེ་འདི་འབུལ་བས། །May the shining light of this candle flame we offer / To the ten directions victors and their heirs / Remove the darkness of all beings ignorance / May the shining light of knowledge and wisdom blaze.By KTGR6th Week of Gongdzok
༄༅། །ཞི་བར་གཤེགས་པ་སྒྲུབ་བསྟན་གསལ་བའི་ཉིན་བྱེད་མཚུངས་ཟླ་མ་མཆིས་པ་དྲིན་ཆེན་རྩ་་བའི་བླ་མ་༧སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྐུ་ཚིགས་དྲུག་པར་ཁྲ་འགུ་དགོན་པའི་མཁན་སློབ་སྒྲུབ་བླ་དང་སྒྲུབ་ཆེན་ཆོས་གླིང་དགོན་པའི་དགེ་འདུན་རྣམས་གདན་དྲངས་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ཞལ་མངོན་པར་ཕྱེ་བཞིན་པའི་བརྙན་པར་འགའ་སྤྱན་འབུལ་ཞུ།4th August 2024
ཞི་བར་གཤེགས་པ་༸སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་གི་དགོངས་ཚོགས་མཆོད་འབུལ་སྐུ་ཚིགས་དྲུག་པར། དཔལ་ཁྲ་འགུ་དགོན་གྱི་༸མཆོག་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡོ་སློབ་བླ་གྲྭ་རྣམས་དང་། སྒྲུབ་ཆེན་ཆོས་གླིང་དགོན་གྱི་དགེ་འདུན་རྣམས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་ཟབ་རྒྱས་ཚོགས་བཞིན་པ་ལགས།Some more pictures of sixth week Shitro ritual. Tulku Damcho Rinpoche from Thrangu Monastery also joined the puja.7th Week of Gongdzok
༧སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧དཔལ་་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར། ཞི་བར་གཤེགས་པ་སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་དགོངས་རྫོགས་མཆོད་འབུལ་སྐུ་ཚིགས་བདུན་པར། མགོན་པོ་གང་གི་ཕྱག་བཏབ་གནང་བའི་གདན་ས་འོད་གསལ་ཀརྨ་ཐེག་མཆོག་གླིང་བཙུན་དགོན་དང་འབྲུག་ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་བཙུན་དགོན་གཉིས་གཙོ་བོར་གྱུར་པའི་གཞན་ཡང་བལ་ཡུལ་བཀའ་བརྒྱུད་བཙུན་དགོན་ཁྲ་འགུ་སྒྲོལ་མ་ལྷ་ཁང་དང་ཀརྨ་ལེགས་བཤད་གླིང་། ཀརྨ་བསམ་གཏན་གླིང་། ཐེག་ཆེན་ལེགས་བཤད་གླིང་གི་བཙུན་མ་རྣམས་གདན་དྲངས་ནས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་བསྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་སྒྲུབ་གི་སྒྲུབ་ཐབས་སྒོ་ནས་གནམ་ཆོས་འོད་དཔག་ཚོགས་བཞིན་པའི་བརྙན་པར་འགའ་སྤྱན་འབུལ་ཞུ། །As per the guidance of His Holiness the 17th Gyalwang Karmapa Orgyen Thinley Dorje, on the 7th week of Great Master Khenchen Tsultrim Gyamtso Rinpoche's paranirvana, the main nunnery founded by Rinpoche himself, Osel Karma Tek Chok Ling, along with Karma Drubdey Palmo Choskyi Dingkhang nunnery from Bhutan, had invited Thrangu Tara Abbey, Karma Lekshey Ling, Karma Samten Ling, and Thekchen Lekshey Ling nunneries from Nepal to perform the Amitabha Sadhana. Here are some pictures we would like to share with you all.10th August 2024
༧སྐྱབས་རྗེ་དིལ་ཡག་སྒྲུབ་དཔོན་རིན་པོ་ཆེ་མཆོག་འོད་གསལ་ཀརྨ་ཐེག་མཆོག་གླིང་བཙུན་དགོན་དུ་ཆེད་ཕེབས་གནང་ནས་ཞི་བར་གཤེགས་པ་༧སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་སྐུ་གདུང་རིན་པོ་ཆེ་མདུན་དུ་བླ་སྒྲུབ་དང་། བླ་མ་རྒྱང་འབོད་སོགས་ཐུགས་སྨོན་གསུང་གནང་བ་བཅས།Kyabje Dilyak Drupon Rinpoche visited our nunnery and conducted guruyoga, Calling the Lama from Afar and aspirations in front of Khenchen Tsultrim Gyamtso Rinpoche.12th August 2024
Here are some pictures of the ongoing Amitabha Sadhana.
14th August 2024
Sharing some pictures from yesterday's final Amitabha Sadhana by the nuns, where the puja was very successful.In two shrine halls of the nunnery, Rinpoche’s Western disciples and Taiwanese groups (Zabsang Shedrub) are performing pujas and practices.14th August 2024 - Mahasangha Gathering
This evening, on the 14th of August 2024, Dzogchen Ponlop Rinpoche, along with sanghas and international followers and disciples of our root guru, Vajradhara Khenchen Tsultrim Gyamtso Rinpoche—gathered in the main shrine hall of the nunnery and conducted Guru Yoga, as well as the Aspiration Prayer for Mahamudra by the third Karmapa Rangjung Dorje. We then offered supplication prayers for our guru, by His Holiness the 17th Gyalwang Karmapa, Guru Vajradhara Jamgon Kenting Tai Situ Rinpoche, Drung Goshir Gyaltsab Rinpoche, Dzogchen Ponlop Rinpoche, Kyabje Sangye Nyenpa Rinpoche, and Yongey Mingyur Rinpoche in three languages Tibetan, English and Chinese.
16th August 2024, the Kudung is Moved to Pullahari
These videos were kindly offered by Veronica Chai.
Preparation of the phurkhang:
Arrival at the main gate:
Arrival at the precious Golden Stupa temple:
Offering of prayers in the Golden Stupa temple:
Procession to Rigpe Dorje Institute:
Enshrining the precious kudung at Rigpe Dorje Institute's main shrine hall:
16th August 2024
Video by Acharya Chokyi Gyaltsen:
As Very Venerable Khenpo Tsultrim Gyamtso Rinpoche’s precious kudung arrived in Pullahari, monks, nuns, disciples and devotees bearing khataks and lining the road inclined their heads with deepest respect as the kudung passed by them. The sky was vast and clear and the sun, adorned by a light rainbow around it, shone brightly! All felt auspicious!
The precious kudung was brought to the Golden Stupa of the Third Jamgon Kongtrul. There Third Jamgon Rinpoche’s Guru Yoga was performed and Jim Scott sang “The Pullahari Theme Song” composed by Khenpo Rinpoche, a song filled with his blessings! Thereafter, the kudung was brought to the main shrine hall of Rigpe Dorje Institute. The Guru Yogas of the 16th Gyalwang Karmapa and of Khenpo Tsultrim Gyamtso Rinpoche were performed. The precious kudung will remain there until the cremation on August 19th.19th August 2024, The Cremation Ceremony
These videos were kindly offered by Veronica Chia.
Cremation Ceremony - Part 1:
Cremation Ceremony - Part 2:
Post Cremation:
Bringing the Precious Relics to Tekchog Ling
This video was kindly offered by Veronica Chia.
Supplication Prayers