Talk 10, Machik Labdron
Page 421:
ཟབ་དོན་ཐུགས་ཀྱི་སྙིང་པོ་ལས། བདུད་བཞི་ཟིལ་གྱིས་གནོན་པ་ཐེག་པ་ཆེན་པོའི་ཆོས། འཁོར་འདས་དགག་སྒྲུབ་མེད་པ་ཕ་རོལ་ཕྱིན་པའི་དོན། འགལ་རྐྱེན་ལམ་དུ་ཁྱེར་བ་ཨ་མ་ཇོ་མོའི་བཞེད། མི་མཐུན་གྲོགས་སུ་འདོད་པ་གཅོད་ཀྱི་གདམས་པ་སྟོན།
423:
བྱང་ཆུབ་སེམས་ཀྱིས་སྦྱིན་པ་བཏང་། ཀུན་ཀྱང་རང་བྱུང་སེམས་ཡིན་པས། སྣང་སྲིད་ཆོས་ལ་ནེ་རིང་མེད། བདག་མེད་ཁྱབ་གདལ་ཆེན་པོར་ཞོག
ལུས་ནི་རོ་ཡི་ཚུལ་དུ་བཞག ་བདག་པོ་མེད་པའི་ཚུལ་དུ་བཞག སེམས་ནི་ནམ་མཁའི་ཚུལ་དུ་བཞག དམིགས་པ་མེད་པའི་ཚུལ་དུ་བཞག
424:
སྣང་དང་དེ་བཞིན་སྟོང་པ་ལ། ཡིད་ཀྱི་སྙོམས་བྱེད་མ་ཞུགས་ན། བདུད་རྣམས་མ་ལུས་སེམས་སུ་བཅད། སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ།
དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། རང་སེམས་གར་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ།
མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ།
428:
གནས་གནད་རི་ཁྲོད་འགྲིམཔར་གཅེས། ལུས་གནད་རྩ་བཞི་གློད་པར་གཅེས། ངག་གནད་ཉམས་དབྱངས་ལེན་པར་གཅེས། སེམས་གནད་འདུ་ཤེས་བཞིག་པར་གཅེས།
Audio file (MP3)