5-10 August 1993
English translation by Susanne Schefczyk
རིན་པོ་ཆེས།
རྨི་ལམ་འཁྲུལ་པའི་སྡུག་བསྔལ་བཞིན། འཁྲུལ་སྣང་སྡུག་བསྔལ་ཞི་བའི་ཐབས། དམ་ཆོས་ཉམས་ལེན་དེ་ཡིན་པས། དེ་ཕྱིར་ཆོས་ལ་ཐོས་བསམ་བྱ།
འཁྲུལ་པའི་སྡུག་བསྔལ་དེ་ཡོད་ཕྱིར། མྱ་ངན་འདས་པ་ཡོད་པ་ཡིན། འཁྲུལ་སྣང་སྡུག་བསྔལ་དེ་མེད་ན། མྱ་ངན་འདས་པ་མེད་པར་འགྱུར།
སྡུག་ལ་སྐྱོ་བའི་སེམས་ཡོད་ཕྱིར། བདེ་གཤེགས་སྙིང་པོ་ཡོད་པ་ཡིན། གལ་ཏེ་སྙིང་པོ་མེད་འགྱུར་ན། སྡུག་ལ་སྐྱོ་བ་མི་འགྱུར་རོ།
རིན་པོ་ཆེས། གཟུགས་སོགས་སྣང་བ་གང་ཤར་ཡང་། བདག་མེད་ལྟ་བ་དྲེན་པར་བྱ། སྐྱི་སྡུག་ཚོར་བ་གང་བྱུང་ཡང་། བདག་མེད་ལྟ་བ་དྲེན་པར་བྱ།
རིན་པོ་ཆེས།
ཀུན་གཞི་རྒྱ་མཚོ་ཆེན་པོ་དེ། ཉོན་ཡིད་རླུང་གིས་རབ་གཡོས་པས། ཚོགས་དྲུག་རྣམ་ཤེས་ཡུལ་བཅས་སྣང་། ཚོགས་དྲུག་རྦ་རླབས་ཡུལ་བཅས་ཤར། དེ་ལ་བདེན་པར་ཞེན་ཏེ་འཁྲུལ།
ཆུ་བོ་གཅིག་ལ་མཐོང་ཚུལ་སྣ་ཚོགས་དང་། མེ་ཏོག་གཅིག་ལ་མཐོང་ཚུལ་སྣ་ཚོགས་དང་། སྐྱེས་བུ་གཅིག་ལ་མཐོང་ཚུལ་སྣ་ཚོགས་ཕྱིར༏ ཆོས་རྣམས་སེམས་ཙམ་ཡིན་པའི་ངེས་ཤེས་རྙེད།
དུད་འགྲོ་རྣ་བ་རིན་ཆེན་རྒྱན་གརྟགས་ན། སེམས་མི་དགའ་ཤིང་སྡུག་བསྔལ་འཕེལ་བ་དང་། མི་ཡིས་རྣ་བ་རིན་ཆེན་རྒྱན་གརྟགས་ན། དགའ་ཤིང་ཚོར་བ་རབ་ཏུ་འཕེལ་མཐོང་ནས། ཆོས་རྣམས་སེམས་ཙམ་ཡིན་པར་ངེས་ཤེས་རྙེད། མི་རྣམས་ཕལ་ཆེར་ལོངས་སྤྱོད་བསགས་ལ་དགའ། ཆགས་བྲལ་རྣམས་ལ་ལོང་སྤྱོད་མེད་ན་དགའ། བྱི་པ་རྣམས་ལ་ཁྱད་པར་མེད་མཐོང་ནས། ལོངས་སྤྱོད་ཡང་ནི་སེམས་ཙམ་ཡིན་པར་གོ
ཞེན་ཆགས་ཅན་ནི་གཉེན་གྱི་ཕྱོགས་ལ་དགའ། སྙིང་རྗེ་ཅན་ནི་དགྲ་གཉེན་གཉིས་ཀར་དགའ། དགྲ་བཅོམ་གང་ལའང་དགའ་བ་མེད་མཐོང་ནས། དགྲ་གཉེན་འདི་ཡང་སེམས་ཙམ་ཡིན་པར་གོ
མེ་ཡི་སྲིན་བུ་མེ་ཡི་ནང་ན་དགའ། ཆུ་གནས་དུད་འགྲོ་ཆུ་ཡི་ནང་ན་དགའ། དུད་འགྲོ་ཕལ་ཆེར་སྣག་ཚལ་ནང་ན་དགའ། མི་རྣམས་ཕལ་ཆེར་གྲོང་ཆེར་མཛེས་པོར་དགའ། དགའ་བའི་གནས་ཚུལ་ཐ་དད་འདི་མཐོང་ནས། ཆོས་རྣམས་ཐམས་ཅད་སེམས་ཙམ་ཡིན་པར་གོ བདག་འཛིན་ཅན་གྱིས་ལུས་འདི་བསྲུང་བ་དང་། སྙིང་རྗེ་ཅན་གྱིས་ལུས་ཀྱང་གཏོང་བ་དང་། འདོད་ཆགས་ཅན་གྱིས་ལུས་འདི་ཟ་མཐོང་ནས་གཟུགས་ཕུང་འདི་ཡང་སེམས་ཙམ་ཡིན་པར་གོ
ནང་གི་རྣམ་རྟོག་འགྱུར་བ་ལ་བརྟེན་སྟེ། དགྲ་དང་གཉེན་ཡང་འགྱུར་བ་སྣང་བ་དང་། སེམས་ཀྱི་བསམ་ཚུལ་འགྱུར་བ་ལ་བརྟེན་ཏེ། བདེ་སྡུག་ཚོར་བ་འགྱུར་བ་དེ་མཐོང་ནས། བདེ་སྡུག་ཚོར་བ་ཐམས་ཅད་སེམས་ཙམ་ཡིན། དེ་ལྟར་ལུང་དང་རིག་པས་དཔྱད་བྱས་ན། ཆོས་རྣམས་ཐམས་ཅད་སེམས་ཙམ་རེད་འདུག་པས། སེམས་ཀྱི་འཁྲུལ་པ་སྦྱང་བར་བྱ་བའི་ཕྱིར། དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱ།
མཛད་པ་འདི་ནི་ཨ་རི་ས་ཡི་ཆ་ཤས་Wood Creek་ལ་སེམས་ཙམ་པའི་སྒོམ་རིམ་བཤད་པའི་སྐབས་སུ་ཡུལ་སྐོར་པ་ཤེས་རབ་བློ་གྲོས་ཀྱིས་ཐུར་བྱུང་ཏུ་སྨྲས་པའོ།
Story of Rinpoche's name.
Nagarjuna: རྟག་ལྟ། ཆད་ལྟ། རགས་པ་དང་ཕྲ་བ།
Singing Milarepa songs from a booklet with translation into 5 languages. Stories of Milarepa's caves.